Search:
TermEnglish DefinitionTibetan Definition
plasticity མཉེན་གཤིས། phys. The property of solids that causes them to change permanently in size or shape as a result of the application of a stress in excess of a certain value, called the yield point. ནུས་ཐོན་ཚད་གཞི་ལས་བརྒལ་པའི་གནོན་ཤུགས་སྤྲོད་སྐབས་སྲ་གཟུགས་ཀྱི་དབྱིབས་དང་ཆེ་ཆུང་ལ་གཏན་འཇགས་ཀྱི་འགྱུར་བ་གཏོང་བའི་སྲ་གཟུགས་ཀྱི་ཁྱད་ཆོས་ཤིག
plasmolysis  ཕྲ་ཚི་འབྱེད་འདོན། biol.
Plasmodium འདུར་ཆགས། biol.
Plasmid སྒོར་དབྱིབས་ཌི་ཨེན་ཨེ། biol.
plasma membrane ཆུ་སེར་སྐྱི་མོ། biol. A protein-containing lipid bilayer that surrounds a cell, defining the interface between the cell and its environment and providing a semipermeable barrier to the entry of molecules into the cell. ཕྲ་ཕུང་ཞིག་གི་མཐའ་ནས་བསྐོར་ཞིང་སྤྲི་རྫས་དང་ལྡན་པའི་ལི་ཚིལ་རིམ་པ་གཉིས་ལྡན་དེ་ལ་གོ་ཞིང་། དེ་ཡིས་ཕྲ་ཕུང་དང་ཕྲ་ཕུང་གི་ཉེ་འཁོར་གྱི་དབར་མཚམས་མངོན་པར་བྱེད་པ་དང་། ཕྲ་ཕུང་དུ་འདུས་རྡུལ་འཛུལ་བར་ཕྱེད་ཚགས་སེལ་གྱི་བཀག་རྒྱ་ཞིག་ཀྱང་མཁོ་སྤྲོད་བྱེད།
plasma cell ཁྲག་འདུར་ཕྲ་ཕུང་། (སྐྱོ་འདུར་དང་དོན་མཚུངས།) biol. A cell that produces antibodies as part of an immune response. B cells develop into plasma cells. ནད་འགོག་ཡ་ལན་གྱི་ཆ་ཤས་སུ་འགོག་གཟུགས་སྐྱེད་སྐྲུན་བྱེད་མཁན་གྱི་ཕྲ་ཕུང་ཞིག་ལ་ཟེར། ཕྲ་ཕུང་སྦི་ནི་ཁྲག་འདུར་ཕྲ་ཕུང་ལ་འཚར་འཕེལ་འབྱུང།
plasma གྱེས་གཟུགས། phys. Fourth phase of matter, in addition to solid, liquid, and gas. In the plasma phase, existing mainly at high temperatures, matter consists of positively charged ions and free electrons. སྲ་གཟུགས་དང་། གཤེར་གཟུགས། རླངས་གཟུགས་བཅས་ཀྱི་སྟེང་དུ་བསྣན་པའི་བེམ་གཟུགས་ཀྱི་རྣམ་པ་བཞི་པ། གཙོ་བོར་དྲོད་ཚད་མཐོན་པོའི་སྐབས་སུ་གནས་པའི་གྱེས་གཟུགས་ནི་གྱེས་རྡུལ་ཕོ་དང་རང་དབང་གློག་རྡུལ་གྱིས་གྲུབ་པ་ཡིན།
plasma ཁྲག་འདུར། ཁྲག་གི་ཆུ་སེར། biol. The clear, liquid part of the blood, composed mainly of water and proteins, in which the red and white blood cells are suspended. The plasma of mammals also contains platelets. ཁྲག་གི་གཤེར་གཟུགས་ཀྱི་ཆ་དྭངས་མ་དེ་ལ་ཟེར་ཞིང་གཙོ་བོ་ཆུ་དང་སྤྲི་རྫས་ཀྱིས་གྲུབ། དེའི་ནང་དུ་ཁྲག་ཕུང་དཀར་དམར་ལྡིང་ནས་ཡོད་པ་དང། ནུ་གསོས་སྲོག་ཆགས་ཀྱི་ཁྲག་འདུར་ནང་དུ་ཁྲག་ཞིབ་ཀྱང་ལྡན་ཡོད།
Plantar reflex རྐང་མཐིལ་ལྡོག་འགུལ།   neurosci.
Plantae རྩི་ཤིང་གླིང་། biol.
plant growth regulators རྩི་ཤིང་སྐྱེ་འཚར་སྟངས་འཛིན་པ། biol.
plant རྩི་ཤིང་། biol. A living organism of the kind exemplified by trees, shrubs, herbs, grasses, ferns, and mosses, typically growing in a permanent site, absorbing water and inorganic substances through its roots, and synthesizing nutrients in its leaves by photosynthesis using the green pigment chlorophyll. གཏན་འཇགས་ཀྱི་གནས་ཤིག་ཏུ་སྐྱེ་ཞིང་། རྩ་བ་བརྒྱུད་ནས་ཆུ་དང་སྐྱེ་ལྡན་མིན་པའི་དངོས་རྫས་འཇིབ་པ་དང་། ལྗང་རྫས་སྤྱད་དེ་འོད་སྦྱོར་ལ་བརྟེན་ནས་ལོ་མའི་ནང་ནས་བཅུད་རྫས་སྐྱེད་སྐྲུན་བྱེད་མཁན་གྱི་ཤིང་སྡོང་དང་། སྡོང་ལྡུམ། སྨན་རྩྭ། རྩྭ། ལྡུམ་པོ་རེ་རལ། གྲོག་ཤིང་བཅས་ལས་གང་ཡང་རུང་བ་ཞིག་ཡིན་པའི་སྐྱེ་དངོས་ཀྱི་རིགས་ཤིག
Planktonic larva མཚོ་གཡེང་ཚང་འབུ། biol.
plankton མཚོ་གཡེང་། biol. Small organisms that drift or swim weakly in great numbers in bodies of salt or fresh water. Plankton is a primary food source for many animals and is made up of bacteria, algae, protozoans, small crustaceans such as copepods, and the larvae of aquatic invertebrates. ཚྭ་ཆུའམ་ཆུ་དྭངས་མའི་ནང་དུ་གྲངས་འབོར་ཆེན་པོའི་སྒོ་ནས་འཕྱོ་ཞིང་ལྡིང་ནས་ཡོད་པའི་སྐྱེ་དངོས་ཕྲ་མོ་ལ་ཟེར། མཚོ་གཡེང་ནི་སྲོག་ཆགས་མང་པོ་ཞིག་གི་ཟས་ཀྱི་བྱུང་ཁུངས་གཙོ་བོ་ཞིག་ཡིན་པ་མ་ཟད། འདི་ནི་སྲིན་བུ་དང་ཆུ་བལ། གདོད་མའི་སྲོག་ཆགས། ཁོབ་པོཌ་ལྟ་བུ་ཤུན་སྐོགས་ཅན་གྱི་སྲོག་ཆགས་ཆུང་ངུ་དང། དེ་བཞིན་ཆུ་ནང་གི་སྒལ་རུས་མེད་པའི་སྲོག་ཆགས་ཀྱི་ཚང་འབུ་བཅས་ལས་གྲུབ་པ་ཞིག་ཡིན།
Planetary system གཟའ་ཡི་ཁྱིམ་རྒྱུད། phil.