Pholidota ལྕིབས་སག་ཅན། | biol. | [ཉ་ལྕིབས་སམ་ཉ་སག་ཅན།] |
phlogiston theory མེ་རྫས་ཀྱི་རྣམ་གཞག | phys. A former theory of combustion in which all flammable objects were supposed to contain a substance called phlogiston, which was released when the object burned. | འབར་ནུས་ལྡན་པའི་དངོས་གཟུགས་ཐམས་ཅད་ཀྱི་ནང་དུ་འབར་རྡུལ་ཞེས་པའི་དངོས་རྫས་ཤིག་ཡོད་ཅིང་། དངོས་གཟུགས་དེ་འབར་བའི་སྐབས་སུ་འབར་རྡུལ་གློད་པར་འདོད་པའི་མེ་འབར་ལུགས་ཀྱི་གཏན་ཁྲིམས་རྙིང་པ་ཞིག |
phloem བཅུད་ལམ། | biol. The vascular tissue in plants which conducts sugars and other metabolic products downwards from the leaves. | རྩི་ཤིང་གི་ལོ་མ་ནས་ཀ་ར་དང་ནུས་སྒྱུར་གྱི་ཐོན་རྫས་གཞན་རྣམས་ཐུར་དུ་རྒྱུ་སའི་སྦུ་གུའི་ཕུང་གྲུབ་ལ་གོ |
phlegm བད་ཀན། | biol. One of the four humors of ancient and medieval physiology, thought to cause sluggishness, apathy, and evenness of temper. | སྔ་དུས་དང་དུས་རབས་བར་མའི་ལུས་ཁམས་གནས་ལུགས་རིག་པའི་ཁྲོད་དུ་ངོས་འཛིན་བྱེད་པའི་ལུས་ཀྱི་ཆུ་སེར་བཞི་ཡི་ཡ་གྱལ་ཞིག གཤིས་སྤྱོད་ཉོབ་པོ་དང་། སྤྲོ་སྣང་ཞན་པོ། བཏང་སྙོམས་རང་བཞིན་བཅས་སྐྱེད་པར་འདོད། |
pheromone རྨེན་རྫི། | biol. A chemical substance used as a specific signal by some organisms to communicate with one another.Many insects and some mammals use pheromones to mark out territories and to attract mates. | སྐྱེ་དངོས་འགའ་ཞིག་གིས་ཕན་ཚུན་འབྲེལ་བ་བྱེད་པའི་ཆེད་དུ་བརྡ་འཕྲིན་དམིགས་བསལ་བ་ཞིག་གི་ཚུལ་དུ་སྤྱོད་པའི་རྫས་ཤིག་ལ་གོ འབུ་སྲིན་མང་དག་ཅིག་དང་ནུ་གསོས་སྲོག་ཆགས་འགའ་ཞིག་གིས་རྨེན་རྫི་ནི་རང་ཉིད་ཀྱི་མངའ་ཁོངས་ལ་མཚམས་རྟགས་འགོད་པ་དང། རོགས་ཟླ་འགུག་ཐབས་སུ་བེད་སྤྱོད་བྱེད། |
Pheochromocytoma ཁོར་མེ་ཕིན་ཕྲ་ཕུང་གི་སྐྲན། | biol. | |
phenylketonuria ཕི་ན་ཡིལ་ཀི་ཊོན་གཅིན་བབས། | neurosci. An inherited inability to metabolize phenylalanine that causes brain and nerve damage if untreated. | ཕི་ན་ཡིལ་ཨ་ལ་ནིན་འཇུ་མི་ཐུབ་པའི་རྒྱུད་འདེད་ཉམས་སྐྱོན་ཞིག་ལ་གོ་ཞིང་། སྨན་བཅོས་མ་བྱས་ཚེ་ཀླད་པ་དང་དབང་རྩ་ལ་གནོད་སྐྱོན་གཏོང་གི་ཡོད། |
phenylalanine ཕི་ན་ཡིལ་ཨ་ལ་ནིན། | chem. An amino acid widely distributed in plant proteins. It is an essential nutrient in the diet of vertebrates. | རྩི་ཤིང་གི་སྤྲི་རྫས་ཀྱི་ནང་དུ་ཡོངས་སུ་ཁྱབ་པའི་ཨེ་མི་ནོ་སྐྱུར་རྫས་ཤིག འདི་ནི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཟ་མའི་ནང་གི་ངེས་མཁོའི་བཅུད་རྫས་ཤིག་ཡིན། |
phenotypic plasticity རིགས་རྫས་མངོན་རྣམ་མཉེན་གཤིས། | biol. Some organisms can change their appearance, physiology, and development in response to changes in the environment. This is called phenotypic plasticity. | སྐྱེ་དངོས་འགའ་ཞིག་གིས་ཁོར་ཡུག་གི་འགྱུར་ལྡོག་དང་བསྟུན་ནས་རང་གི་ཕྱི་ཚུལ་དང། ལུས་གནས། འཚར་འཕེལ་བཅས་ལ་འགྱུར་ལྡོག་གཏོང་ཐུབ་ཀྱི་ཡོད་ཅིང་། འདི་ལ་རིགས་རྫས་མངོན་རྣམ་མཉེན་གཤིས་ཟེར། |
phenotype རིགས་རྫས་མངོན་རྣམ། | biol. The physical and biochemical characteristics of an organism as determined by the interaction of its genetic constitution and the environment. | སྐྱེ་དངོས་ཤིག་གི་རིགས་རྫས་ཀྱི་གྲུབ་ཆ་དང་ཁོར་ཡུག་དབར་གྱི་འབྲེལ་བ་ལ་བརྟེན་ནས་མངོན་པའི་ལུས་པོ་དང་སྐྱེ་དངོས་རྫས་སྦྱོར་གྱི་ཐུན་མིན་ཁྱད་གཤིས་ལ་གོ |
phenomenon སྣང་ཚུལ། ཡུལ། ཆོས། | phil. | |
phenomenology བདག་མྱོང་། བདག་མྱོང་རིག་པ། | neurosci. | |
phenomenal quality ཡུལ་གྱི་ཁྱད་ཆོས། | phil. | |
phenomenal consciousness ཡུལ་མྱོང་རྣམ་ཤེས། | phil. | |
phasic ཆད་འཇུག | Occurring in phases rather than continuously. | རྒྱུན་མཐུད་ནས་མི་འབྱུང་བར་རིམ་པ་དང་རིམ་པ་བྱས་ནས་འབྱུང་བ་ལ་གོ |