Phospholipid bilayer འོད་མའི་ལི་ཚིལ་ཉིས་རིམ། | biol. | |
phospholipid ཕོ་སི་ཕོ་ལི་ཞག འོད་མའི་ལི་ཚིལ། | biol. A lipid with phosphorus in the form of phosphoric acid, functioning as a structural component in membranes. | འོད་མའི་སྐྱུར་རྫས་ཀྱི་ངོ་བོར་ཡོད་པའི་འོད་ཀྱི་མ་མ་ལྡན་པའི་ལི་ཚིལ་ཞིག་ལ་གོ་ཞིང་། སྐྱི་མོའི་ཆགས་བཀོད་ཀྱི་གྲུབ་ཆའི་བྱེད་ལས་སྒྲུབ་ཀྱི་ཡོད། |
phosphoglycerate mutase འོད་མ་གྷི་ལི་སི་རེ་ཊ་བསྐྱར་སྒྲིག་སྨིན་རྫས། | biol. A red blood cell enzyme that participates in the metabolism of glucose. | གུ་ལུ་མངར་རྫས་ནུས་སྒྱུར་ཀྱི་སྐབས་སུ་བྱེད་ནུས་འདོན་མཁན་གྱི་ཁྲག་དམར་ཕྲ་ཕུང་གི་སྨིན་རྫས་ཤིག |
phosphoglycerate འོད་མ་གྷི་ལི་སི་རེ་ཊ། | chem. A salt or ester of phosphoglyceric acid. | འོད་མ་གྷི་ལི་སི་རིག་སྐྱུར་རྫས་ཀྱི་ཚྭའམ་སྐྱུར་ཚིལ་ཞིག |
phosphofructokinase (PFK) འོད་མ་ཕུ་རུ་མངར་སྦྱོར་སྨིན་རྫས། | biol. An enzyme which brings about the irreversible transfer of a phosphate group from ATP to fructose phosphate in glycolysis. | མངར་རྫས་ཞིག་འགྱུར་གྱི་སྐབས་སུ་ཨེ་ཊི་པི་ཡི་འོད་ཀྱི་མ་མའི་སྡེ་ཚན་ཞིག་ཕུ་རུ་མངར་ཅན་འོད་མའི་སྡེ་ཚན་དུ་བསྐྱར་ལྡོག་མི་ཐུབ་པའི་སྒོ་ནས་སྒྱུར་མཁན་གྱི་སྨིན་རྫས་ཤིག |
phosphoenolpyruvate འོད་མ་ཨེ་ནོལ་པེ་རུ་ཝེ་ཊ། | chem. A salt or ester of phosphoenolpyruvic acid. | འོད་མ་ཨེ་ནོལ་པེ་རུ་ཝེག་སྐྱུར་རྫས་ཀྱིས་གྲུབ་པའི་ཚྭའམ་སྐྱུར་ཚིལ་ཞིག |
phosphodiester འོད་མ་ཨེ་སི་ཊར་གཉིས་འདུས། | chem. | |
phosphate functional group འོད་ཀྱི་མ་མའི་སྐྱུར་ཚྭའི་ལས་སྡེ། ཕོ་སི་ཕེཊ་ལས་སྡེ། | biol. | |
phosphate འོད་ཀྱི་མ་མའི་སྐྱུར་ཚྭ། | chem. A salt, ester, or anion of phosphoric acid, derived by removal or replacement of one, two, or especially all three of the hydrogens of phosphoric acid. | འོད་ཀྱི་མ་མའི་སྐྱུར་རྫས་ནང་གི་ཡང་རླུང་རྡུལ་ཕྲན་གཅིག་གམ། གཉིས་སམ། ལྷག་པར་དུ་གསུམ་པོ་ཕྱིར་བཏོན་པའམ་བརྗེ་ཚབ་གཞན་བཅུག་པ་ལ་བརྟེན་ནས་གྲུབ་པའི་འོད་ཀྱི་མ་མའི་སྐྱུར་རྫས་ཀྱི་ཚྭའམ། སྐྱུར་ཚིལ་ལམ། ཡང་ན། མོ་ཁུར་ཅན་གྱི་བྱིངས་རྫས་ཤིག |
phonology སྐད་གདངས་རིག་པ། | phys. The system of contrastive relationships among the speech sounds that constitute the fundamental components of a language. | སྐད་ཡིག་ཅིག་གི་གཞི་རྩའི་གྲུབ་ཆར་གྱུར་པའི་སྒྲ་གདངས་དབར་གྱི་མི་འདྲ་བའི་ཁྱད་པར་སྟོན་པའི་གཞུང་ལུགས་ཤིག |
Phonological Awareness སྒྲ་འབྲེལ་གོ་རྟོགས། | neurosci. | [སྒྲ་གདངས་དང་འབྲེལ་བའི་གོ་རྟོགས།] |
phonograph record སྒྲ་སྡེར། | phys. A vinylite or shellac disk with grooves representing a recorded sound, used for reproducing the sound as a phonograph needle travels through it. | འགྱིག་གམ་ལ་རྩི་ཡི་སྡེར་མའི་སྟེང་དུ་བསྡུ་འཇུག་བྱས་པའི་སྒྲ་མཚོན་བྱེད་ཀྱི་ཤུར་ཁ་དང་ལྡན་པ་ཞིག་ལ་གོ་ཞིང་། དེའི་སྟེང་དུ་སྒྲ་འཁོར་གྱི་ཚགས་སྙུག་འཁོར་བགྲོད་བྱེད་སྐབས་སྒྲ་དེ་བསྐྱར་བསྐྲུན་བྱེད་ཀྱི་ཡོད། |
phonograph སྒྲ་འཁོར། | phys. A machine that reproduces sound by means of a stylus in contact with a grooved rotating disk. | སྐོར་བ་བྱེད་བཞིན་པའི་སྡེར་མ་ཤུར་ཁ་ཅན་ཞིག་གི་སྟེང་དུ་ཚགས་སྙུག་ཅིག་ཐུག་པ་བརྟེན་ནས་སྒྲ་བསྐྱར་དུ་བསྐྲུན་པར་བྱེད་པའི་འཕྲུལ་ཆས་ཤིག |
phonetics སྒྲ་གདངས་རིག་པ། | phys. The branch of linguistics that deals with the sounds of speech and their production, combination, description, and representation by written symbols. | སྐད་ཀྱི་སྒྲ་གདངས་དང་། སྐྲུན་ཚུལ། མཉམ་སྒྲིག་བྱ་ཚུལ། འགྲེལ་ཚུལ། ཡི་གེར་བཀོད་པའི་རྟགས་ཀྱིས་མཚོན་ཚུལ་བཅས་ལ་ཞིབ་འཇུག་བྱེད་པའི་སྐད་ཡིག་རིག་པའི་ནང་གསེས་སྡེ་ཚན་ཞིག |
phoneme གདངས་རྩ། | phys. The smallest phonetic unit in a language that is capable of conveying a distinction in meaning | སྐད་ཡིག་ཅིག་གི་ནང་དུ་ནང་དོན་མི་འདྲ་བ་སྟོན་པའི་ནུས་པ་དང་ལྡན་པའི་སྒྲ་གདངས་ཀྱི་གྲུབ་ཆ་ཆུང་ཤོས་དེ་ལ་གོ |