photomultiplier tube འོད་སྤེལ་སྦུ་གུ། | Phys. | |
photomicrograph ཕྲ་པར། ཕྲ་རིས། | phys. A photograph of a microscopic object, taken with the aid of a microscope. | ཕྲ་མཐོང་ཆེ་ཤེལ་སྤྱད་དེ་སྒྲོན་པའི་ཕྲ་དངོས་ཀྱི་པར་རིས་ལ་གོ |
photometry འོད་ཚད་རིག་པ། འོད་ཚད། | phys. The study of visual radiation especially the calculations and measurements of luminous intensity, luminous flux, etc. | མཐོང་རུང་འོད་སྣང་གི་རིག་པ་སྟེ། ལྷག་པར་དུ་བཀྲགས་མདངས་ཀྱི་ཆེ་ཆུང་དང་། བཀྲགས་མདངས་ཀྱི་རླབས་རྒྱུན་སོགས་ཚད་འཇལ་བའི་རིག་པ། |
photoheterotroph འོད་ནུས་གཞན་བརྟེན། | biol. | [ཉི་མའི་འོད་དང་སྐྱེ་ལྡན་གཞན་གྱི་རྫས་ནུས་ལ་བརྟེན་མཁན།] |
photogate འོད་སྒོ། | phys. | |
photoflash འོད་འཁྱུག | phys. A flash of light produced to enable a photograph to be taken; a device for producing such a flash; a flashbulb, a flash lamp. | པར་རྒྱུག་པར་ཕན་གྲོགས་བྱེད་ཆེད་དུ་བསྐྲུན་པའི་འོད་འཁྱུག་ཅིག འདི་ལྟ་བུའི་འོད་འཁྱུག་བསྐྲུན་མཁན་གྱི་ཡོ་ཆས་ཏེ། འོད་འཁྱུག་ཤེལ་ཏོག་དང་། འོད་འཁྱུག་གློག་སྒྲོན་ལྟ་བུ། |
photoelectric effect འོད་གློག་ནུས་སྣང། | phys. Ejection of electrons from certain metals when exposed to certain frequencies of light. | འོད་ཀྱི་ཟློས་ཕྱོད་ངེས་ཅན་ཞིག་ཕོག་སྐབས་ལྕགས་རིགས་ངེས་ཅན་ཞིག་ནས་གློག་རྡུལ་ཕྱིར་སྐྲོད་པ། |
photodetector འོད་རྡུལ་ཚོར་ཆས། | phys. A device that detects or responds to incident light by using the electrical effect of individual photons. | འཕྲོ་ཟེར་གྱི་འོད་རྡུལ་རེ་རེའི་གློག་གི་ཤུགས་རྐྱེན་གཞི་ལ་བཞག་སྟེ་འཕྲོ་ཟེར་ཚོར་རྟོགས་བྱེད་ཅིང་དེ་ལ་ཡ་ལན་སྤྲོད་མཁན་གྱི་ཡོ་ཆས་ཤིག |
photocell འོད་རྫས་གློག་སྨན། | phys. A device using a photoelectric effect to generate current. | འོད་གློག་ནུས་སྣང་སྤྱད་དེ་གློག་རྒྱུན་སྐྲུན་པར་བྱེད་མཁན་གྱི་ཡོ་ཆས་ཤིག |
photoautotroph འོད་སྦྱོར། | phys. An autotrophic organism which uses light as an energy source. | འོད་ཟེར་ནུས་པའི་འབྱུང་ཁུངས་སུ་བེད་སྤྱོད་གཏོང་མཁན་གྱི་རང་གསོའི་སྐྱེ་དངོས་ཞིག |
photo pigments འོད་སྐྱེན་ཚོན་རྫས། | phys. | |
Photic zone འོད་ཁུལ། | biol. | |
phosphorus འོད་ཀྱི་མ་མ། | chem. The chemical element of atomic number 15, a poisonous, combustible nonmetal which exists in two common allotropic forms, white phosphorus, a yellowish waxy solid which ignites spontaneously in air and glows in the dark, and red phosphorus, a less reactive form used in making matches. | འབར་བའི་ཁྱད་ཆོས་ཡོད་ཅིང་དུག་གི་རང་བཞིན་ཡོད་ལ། རྡུལ་གྲངས་ ༡༥ ཅན་གྱི་ལྕགས་རིགས་མིན་པའི་རྩ་རྫས། འདི་ནི་ངོ་བོ་ལྡོག་པའི་རྣམ་པ་གཉིས་སུ་འབྱུང་བ་ཡིན། གཅིག་ནི་འོད་ཀྱི་མ་མ་དཀར་པོ་སྟེ། རླུང་ཁམས་སུ་འབར་སླ་ཞིང་ནག་ཁུང་དུ་འོད་འཚེར་བའི་སེར་མདོག་གི་སྤྲ་ཚིལ་ཅན་གྱི་མཁྲེགས་གཟུགས་ཤིག་དང་། གཞན་དེ་ནི་འོད་ཀྱི་མ་མ་དམར་པོ་སྟེ། རྫས་སྦྱོར་འབྱུང་བ་ཅུང་དལ་ཞིང་མུ་ཟི་བཟོ་བར་སྤྱོད་དོ། |
phosphorescence བརྒྱུད་འཚེར། | phys. Type of light emission that is the same as fluorescence except for a delay between excitation and de-excitation, which provides an afterglow that may last from fractions of a second to hours, or even days, depending on such factors as the type of material and temperature. | ངར་སད་དང་ངར་ཉམ་གཉིས་ཀྱི་དབར་དུ་དུས་འགྱངས་བྱུང་བ་ལ་བརྟེན་ནས་ཕྱི་མའི་འཚེར་མདངས་འབྱུང་བ་མ་གཏོགས་ཐད་འཚེར་དང་འདྲ་བའི་འོད་ཟེར་འཕྲོ་གཏོང་གི་དབྱེ་བ་ཞིག དངོས་རྫས་ཀྱི་རིགས་དང་དྲོད་ཚད་ལ་བརྟེན་ནས་ཕྱི་མའི་འཚེར་མདངས་དེ་སྐར་ཆའི་ཆ་ཤས་ཙམ་ནས་ཆུ་ཚོད་འགའམ་ཉིན་འགར་ཡང་འགོར་སྲིད། |
phosphor འཚེར་རྫས། | phys. Powdery material, such as that used on the inner surface of a fluorescent light tube, that absorbs ultraviolet photons, then gives off visible light. | སྨུག་ཕྱིའི་འོད་རྡུལ་འཇིབ་རྗེས་སྣང་རུང་གི་འོད་འཕྲོ་བར་བྱེད་པའི་ཐད་འཚེར་གློག་སྦུག་གི་ནང་ངོས་སུ་བེད་སྤྱོད་བྱས་པའི་དངོས་རྫས་དང་མཚུངས་པའི་ཕྱེ་གཟུགས་ཀྱི་དངོས་རྫས། |