Search:
TermEnglish DefinitionTibetan Definition
proteasome སྤྲི་བཤིག་སྤྲི་རྫས། biol. A cellular protein complex consisting of proteolytic enzymes that degrade endogenous proteins, especially those that are damaged, pathogenic, or no longer of use. ནང་རོལ་གྱི་སྤྲི་རྫས་ཏེ། ལྷག་པར་དུ་རྨས་སྐྱོན་ཤོར་བའམ། ནད་རིགས་སྤེལ་ནུས་ཅན་ཡིན་པའམ། བེད་སྤྱོད་མེད་པ་རྣམས་གཏོར་བཤིག་གཏོང་མཁན་སྤྲི་བཤིག་སྨིན་རྫས་དང་ལྡན་པའི་ཕྲ་ཕུང་གི་སྤྲི་རྫས་ཤིག
Protease སྤྲི་འཇུ་སྨིན་རྫས། biol.
protactinium རྩ་རྫས་པུ་རོ་ཊེག་ཊི་ནི་ཡམ། phys. A radioactive, metallic element. Symbol: Pa; atomic number: 91. ལྕགས་རིགས་ཀྱི་རྩ་རྫས་འགྱེད་འཕྲོའི་རང་བཞིན་ཅན་ཞིག་ཡིན་པ་དང་། མཚོན་རྟགས་ Pa དང་རྡུལ་གྲངས་ ༩༡ ཡིན།
prostheses ཚབ་ཆས། ཚབ་ལག biol. An artificial device to replace a missing part of the body སྐྱོན་ཤོར་བའི་ལུས་པོའི་ཆ་ཤས་ཀྱི་ཚབ་ཏུ་སྤྱོད་པའི་མིས་བཟོས་ཡོ་ཆས་ཤིག
Prostaglandin ལྒང་རྨེན་ཞག་རྫས། biol.
prosopagnosia ངོ་ཆོད་རྨོངས་ནད། ངོ་ལོང་། neurosci. A disorder characterized by the inability to recognize people by their faces. In some cases it is present at birth, and in others it is the result of a brain injury. མིའི་ངོ་གདོང་ལ་བལྟས་ནས་མི་ངོས་འཛིན་བྱེད་མི་ནུས་པའི་འཁྲུག་སྐྱོན་ཞིག སྐབས་འགར་སྐྱེ་དུས་ནས་འབྱུང་ཞིང་། སྐབས་གཞན་དུ་ཀླད་པར་རྨས་སྐྱོན་ཕོག་པ་ལ་བརྟེན་ནས་འབྱུང་།
Prosociality སྤྱི་ཕན་རང་བཞིན། SEE Learning [སྤྱི་ཚོགས་ལ་ཕན་པའི་རང་བཞིན།]
Prosocial སྤྱི་ཚོགས་ལ་ཕན་པའི། SEE Learning
prosimian སྤྲ་སྔོན་སེམས་ཅན། biol.
prosencephalon ཀླད་རིམ་མདུན་མ། neurosci. The forebrain is the centre for memory, hearing, sight, speech, voluntary muscle action, thinking and reasoning, and includes the hypothalamus, which is associated with homeostasis and is connected to the pituitary gland. མདུན་ཀླད་ནི་དྲན་པ་དང་ཐོས་ཚོར། མཐོང་ཚོར། སྨྲ་བརྗོད། ཆེད་སྒུལ་ཤ་སྒྲིམ་གྱི་བྱ་བ། བསམ་གཞིག གཏན་ཚིགས་བཅས་ཀྱི་ལྟེ་བ་དེ་ཡིན། དེའི་ནང་དུ་ཐ་མལ་གནས་བབ་དང་འབྲེལ་བ་ཡོད་པའི་ཀླད་སྦུག་འོག་མ་ཚུད་ཡོད་པ་དང་། པི་ཅུ་རྨེན་བུར་སྦྲེལ་ནས་ཡོད།
Proscriptive rules བཅས་ཁྲིམས། SEE Learning
proprioceptor བབས་ཚོར་སྣེ་ལེན་པ། བབས་འགྱུར་སྣེ་ལེན་པ། neurosci. Any sensory nerve terminal that gives information concerning movements and position of the body. ལུས་པོའི་གནས་ས་དང་འགུལ་སྐྱོད་གཉིས་དང་འབྲེལ་བའི་ཆ་འཕྲིན་མཁོ་སྤྲོད་བྱེད་མཁན་གྱི་དབང་ཚོར་དབང་རྩ་ཕྲ་གཟུགས་ཀྱི་སྣེ་མོ་གང་རུང་ཞིག
proprioceptive བབས་ཚོར་གྱི། neurosci. Relating to stimuli that are produced and perceived within an organism, especially those connected with the position and movement of the body. སྐྱེ་དངོས་ཤིག་གི་ལུས་ཀྱི་ནང་རོལ་ནས་སྐྲུན་ཞིང་ཚོར་བའི་སྐུལ་རྐྱེན་སྤྱི་དང་། བྱེ་བྲག་ཏུ་ལུས་པོའི་གནས་ས་དང་འགུལ་སྐྱོད་གཉིས་དང་འབྲེལ་བའི་སྐུལ་རྐྱེན་དང་འབྲེལ་བ་ཡོད་པའི།
proprioception བབས་ཚོར། neurosci. Perception or awareness of the position and movement of the body. ལུས་པོའི་གནས་ས་དང་འགུལ་སྐྱོད་གཉིས་རྟོགས་པའི་འདུ་ཤེས་སམ་གོ་རྟོགས་ལ་གོ
proposition བརྗོད་པ། phil. A statement that expresses a concept that can be true or false. འགྲིག་ནོར་གང་རུང་ཡིན་པའི་ལྟ་ཚུལ་ཞིག་མཚོན་པར་བྱེད་པའི་བརྗོད་ཚིག་ཅིག