Search:
TermEnglish DefinitionTibetan Definition
power སྟོབས། phys. Rate at which work is done or energy is transformed, equal to the work done or energy transformed divided by time; measured in watts. Power = work/time ལས་ཀ་བྱས་པའམ་ནུས་པ་སྤོས་པའི་འགྲོས་ཚད་དེ་བྱས་པའི་ལས་ཀའམ་སྤོས་པའི་ནུས་པ་དེ་དུས་ཚོད་ཀྱི་བགོས་པ་མཚུངས་ཤིང་། ཝཊ་ཡི་ནང་དུ་ཚད་འཇལ་བྱེད། སྟོབས། = ལས་ཀ། / དུས་ཚོད།
pound པོནྜ། phys. The unit of mass in f.p.s units defined as 0.45359237 kilogram. བརྩི་གཞི་ཁྲུ་དང་པོནྜ། སྐར་ཆ་བཅས་སུ་བརྩིས་སྐབས་ཀྱི་གདོས་ཚད་ཀྱི་བརྩི་གཞི་ཡིན་ལ་ཀི་ལོ་གྷ་རམ་ 0.45359237 དང་མཉམ་པ་ཡིན།
potentiation ནུས་སྤར། neurosci. The increase in strength of nerve impulses along pathways which have been used previously, either short-term or long-term. དབང་རྩའི་འཕར་བརྡ་རྒྱུ་སའི་རྒྱུ་ལམ་དུ་དབང་རྩའི་འཕར་བརྡ་ཡི་ནུས་ཤུགས་འཕྲལ་ཕུགས་གང་རུང་གི་སྒོ་ནས་སྤར་བ་ལ་གོ
potentiating ནུས་སྤར། neurosci. To make (something, especially a drug or a metabolic or chemical reaction) effective or more effective. (སྨན་རྫས་སམ། ནུས་སྒྱུར་རྫས་སྦྱོར་རམ། རྫས་སྦྱོར་ལྟ་བུ་) ནུས་ལྡན་དུ་བཟོ་བའམ། ནུས་པ་ཇེ་མཐོར་གཏོང་བ་ལ་གོ
potential problems འབྱུང་ཉེན་དཀའ་ངལ།
potential energy གནས་ལྟོས་ནུས་པ། མངོན་རུང་བའི་ནུས་པ། phys. Potential energy is the energy stored in a body or system as a consequence of its position, shape, or state (this includes gravitational energy, electrical energy, nuclear energy, and chemical energy) དངོས་གཟུགས་ཤིག་གམ་མ་ལག་ཅིག་གི་གནས་སའམ། བཟོ་བཀོད། ཡང་ན་གནས་བབ།(འདིའི་ནང་དུ་འཐེན་ཤུགས་ནུས་པ་དང་། གློག་ནུས། ལྟེ་རྡུལ་ནུས་པ། རྫས་ནུས་བཅས་འདུས་) བཅས་པ་གང་རུང་ལ་བརྟེན་པའི་རྗེས་འབྲས་སུ་དངོས་པོ་དེའམ་མ་ལག་དེའི་ནང་དུ་ཉར་ཚགས་བྱས་ཡོད་པའི་ནུས་པ།
potential difference ནུས་པའི་ཁྱད་པར། phys. Difference in electric potential (voltage) between two points. Free charge flows when there is a difference and will continue until both points reach a common potential. ཚེག་གཉིས་དབར་གྱི་གློག་རའི་ལས་ཚད་ཀྱི་ཁྱད་པར་ (ཝོལ་ཚད་) ལ་གོ ཚེག་གཉིས་ཀྱི་དབར་དུ་ནུས་ཁྱད་ཡོད་སྐབས་རང་དབང་གི་ཁུར་རྒྱུ་བར་བྱེད་ལ། ལས་ཚད་གཅིག་པ་མ་ཆགས་པའི་བར་དུ་ཁུར་རྒྱུ་བ་ཡིན།
Potential confound འཁྲུལ་བྱེད་ནུས་ལྡན། neurosci.
potential cause རུང་བའི་རྒྱུ། སྲིད་པའི་རྒྱུ། phil.
potassium རྩ་རྫས་དུག་སེལ་དཀར་པོ། chem. The chemical element of atomic number 19, a soft silvery-white reactive metal སྙི་ཞིང་དངུལ་ལྟར་དཀར་ལ་འདྲེས་སྦྱོར་སྐྱེན་པའི་ལྕགས་རིགས་རྡུལ་གྲངས་ ༡༩ ཡིན་པའི་རྩ་རྫས།
postural musculature སྟངས་སྟབས་ཤ་སྒྲིམ་མ་ལག biol.
postural muscles སྟངས་སྟབས་ཤ་སྒྲིམ། biol.
postulates of special relativity དམིགས་བསལ་ལྟོས་གྲུབ་ཀྱི་དམ་བཅའ། phys. First: All laws of nature are the same in all uniformly moving frames of reference. Second: The speed of light in free space has the same measured value regardless of the motion of the source or the motion of the observer; that is, the speed of light is invariant. (༡) བརྟན་པོའི་ངང་ནས་འགུལ་སྐྱོད་བྱེད་ཀྱིན་པའི་ལྟོས་གཞི་ཐམས་ཅད་དུ་རང་བྱུང་གི་གཏན་ཁྲིམས་ཚང་མ་གཅིག་པ་ཡིན། (༢) འབྱུང་ཁུངས་ཀྱི་འགུལ་སྐྱོད་དང་རྟོག་ཞིབ་པའི་འགུལ་སྐྱོད་ལ་རག་མི་ལས་པར་རང་དབང་གི་མཁའ་དབྱིངས་སུ་ཚད་འཇལ་བའི་འོད་ཀྱི་མགྱོགས་ཚད་ནི་འདྲ་མཚུངས་ཡིན། འདིའི་དོན་ནི་འོད་ཀྱི་མགྱོགས་ཚད་བརྟན་པོ་ཡིན་པ་དེའོ།
Postulates ཆ་བཞག phys.
Postulate ཆ་བཞག དམ་བཅའ། ཆ་བཞག་གི་བརྗོད་པ། Phil.