| radioactive equilibrium འགྱེད་འཕྲོའི་ཆ་མཉམ། | phys. A condition in which the quantities of radioactive daughter nuclides in a material remain constant because they are formed from the parent as fast as they decay. | མ་རྡུལ་ནས་བུ་རྡུལ་གྲུབ་པ་དང་བུ་རྡུལ་དེ་རྣམས་ཟད་འགྱུར་བྱེད་པ་གཉིས་དོ་མཉམ་པ་ལ་བརྟེན་ནས་འགྱེད་འཕྲོའི་རང་བཞིན་གྱི་བུ་རྡུལ་གྱི་ཁ་གྲངས་འགྱུར་མེད་དུ་གནས་པའི་གནས་སྟངས་ཤིག |
| radioactive decay འགྱེད་འཕྲོའི་ཟད་འགྱུར། | phys. The spontaneous transformation of an unstable atomic nucleus into a lighter one, in which radiation is released in the form of alpha particles, beta particles, gamma rays, and other particles. | བརྟན་པོ་མིན་པའི་ལྟེ་རྡུལ་ཞིག་རང་བཞིན་གྱིས་ཡང་བའི་ལྟེ་རྡུལ་དུ་གྱུར་ཏེ་ཨལ་ཕ་རྡུལ་དང་། བྷི་ཊ་རྡུལ། གྷ་མ་འཕྲོ་ཟེར། རྡུལ་གཞན་བཅས་ཀྱི་ངོ་བོའི་ཐོག་ནས་འགྱེད་འཕྲོ་འབྱིན་པ་ཞིག |
| radioactive འགྱེད་འཕྲོའི་རང་བཞིན་ཅན། | phys. Term applied to an atom having an unstable nucleus that can spontaneously emit a particle and become the nucleus of another element. | ལྟེ་རྡུལ་བརྟན་པོ་མེད་ཅིང་རང་ཤུགས་ཀྱིས་རྡུལ་ཞིག་གློད་དེ་རྩ་རྫས་གཞན་གྱི་ལྟེ་རྡུལ་དུ་འགྱུར་བའི་རྡུལ་ཕྲན་ལ་སྤྱོད་པའི་ཚིག་ཅིག |
| radio waves རླུང་འཕྲིན་གྱི་རླབས། | phys. Electromagnetic waves of the longest wavelength. | རླབས་རིང་ཤོས་ཡིན་པའི་གློག་ཁབ་ལེན་གྱི་རླབས། |
| radio telescope རླུང་འཕྲིན་རྒྱང་ཤེལ། | phys. An instrument used to detect radio emissions from the sky, whether from natural celestial objects or from artificial satellites. | བར་སྣང་དུ་ཡོད་པའི་རང་བྱུང་དངོས་གཟུགས་སམ་མིས་བཟོས་སྲུང་སྐར་ནས་ཡོང་བའི་རླུང་འཕྲིན་གྱི་འགྱེད་འཕྲོ་རྩད་གཅོད་བྱེད་པར་སྤྱོད་པའི་ཡོ་ཆས་ཤིག |
| Radio receiver རླུང་འཕྲིན་བསྡུ་ཆས། | phys. | |
| radio frequency pulses རླུང་འཕྲིན་ཟློས་ཕྱོད་འཕར་བརྡ། | phys. | |
| radio frequency རླུང་འཕྲིན་ཟློས་ཕྱོད། | phys. A frequency that is useful for radio transmission, usually between 10 kHz and 300,000 MHz. | རླུང་འཕྲིན་རྒྱང་སྲིང་ལ་བེད་སྤྱོད་ཡོད་པའི་ཟློས་ཕྱོད་ཅིག་སྟེ། ཟློས་ཕྱོད་ 10 kHz ནས 300,000 MHz བར་ཡིན། |
| radio control རླུང་འཕྲིན་ཚོད་འཛིན། | phys. Control of a machine, device, etc., from a distance by means of radio signals | རླུང་འཕྲིན་གྱི་བརྡ་ལ་བརྟེན་ནས་ཐག་རིང་སར་ཡོད་པའི་འཕྲུལ་ཆས་དང་ཡོ་ཆས་ལ་སོགས་པར་ཚོད་འཛིན་བྱེད་པ་ལ་གོ |
| radio རླུང་འཕྲིན། | phys. A means of transmitting information in which the transmission medium consists of electromagnetic radiation. | གློག་ཁབ་ལེན་གྱི་འགྱེད་འཕྲོ་དེ་ཆ་འཕྲིན་སྤེལ་བའི་རྒྱུད་ལམ་ལ་སྤྱོད་པའི་ཐབས་ལམ་ཞིག |
| Radicle སྦྲུམ་རྩ། | biol. | |
| radical རྩ་བ་ནས། མཐར་ལྷུང་། གཞི་རྩ། ཡོངས་སུ། | | |
| radiative zone འགྱེད་འཕྲོའི་ས་ཁུལ། | phys. An interior layer of a star just outside the core. The radiative zone absorbs photons that originate in the core and reradiates them outward, thereby transporting energy from the core outward. | སྐར་མ་ཞིག་གི་ལྟེ་བའི་ཕྱི་རོལ་ཏག་ཏག་ན་ཡོད་པའི་རིམ་པ་དེ་ལ་གོ་ཞིང་། འགྱེད་འཕྲོའི་ས་ཁུལ་གྱིས་ལྟེ་བ་ནས་ཡོང་བའི་འོད་རྡུལ་འཇུ་ལེན་བྱས་རྗེས་ཕྱི་ཕྱོགས་སུ་སླར་ཡར་སྤྲོ་བར་བྱེད་པས། ལྟེ་བ་ནས་ཕྱི་ཕྱོགས་སུ་ནུས་པ་སྐྱེལ་འདྲེན་བྱེད་པ་ཡིན། |
| radiative transport འགྱེད་འཕྲོ་སྐྱེལ་འདྲེན། | phys. The transmission of heat by electromagnetic radiation. | གློག་ཁབ་ལེན་གྱི་འགྱེད་འཕྲོ་ལ་བརྟེན་ནས་དྲོད་ནུས་བརྒྱུད་གཏོང་བྱེད་པ་ལ་གོ |
| radiation era འགྱེད་འཕྲོའི་བསྐལ་པ། | phys. A period following the Big Bang that lasted between 10 and 100 seconds, when the temperature dropped to a billion kelvins and during which radiation came to dominate the universe. | གས་ཐོར་ཆེན་མོའི་རྗེས་ཏག་ཏག་གི་དུས་ཡུན་སྐར་ཆ་ ༡༠ ནས་ ༡༠༠ བར་གྱི་དུས་སྐབས་ཏེ། འཇིག་རྟེན་ཁམས་ཀྱི་དྲོད་ཚད་ཀེལ་ཝིན་ཐེར་འབུམ་གཅིག་ལ་མར་ཟགས་ཤིང་འཇིག་རྟེན་ཁམས་སུ་འགྱེད་འཕྲོ་གཙོ་བོར་ཁྱབ་པའི་དུས་སྐབས། |