Pyrex heat resistant glassware པ་རེག་སིའི་དྲོད་ཐུབ་ཤེལ་ཆས། | phys. | |
Pyrex པ་རེག་སི། | phys. | |
pyramidal tract རྩ་ལམ་ཟུར་གསུམ་ཅན། | neurosci. A major bundle of nerve fibres connecting motor areas of the cerebral cortex with the lower motor neurons of the spinal cord, and forming the pyramid on the ventral surface of the medulla oblongata. | ཀླད་ཆེན་ཀླད་ཤུན་གྱི་འགུལ་སྐྱོད་ས་ཁུལ་ཁག་རྒྱུངས་པའི་འགུལ་སྐྱོད་དབང་རྩ་ཕྲ་གཟུགས་འོག་མ་དང་མཐུད་སྦྱོར་བྱེད་ཅིང་འཇོང་ཆུན་གྱི་མདུན་ངོས་སུ་གཏོར་གཟུགས་གྲུབ་པར་བྱེད་པའི་དབང་རྩའི་ཉག་མའི་ཆུན་པོ་ཆེ་བ་ཞིག་ལ་གོ |
pyramidal cell གཏོར་གཟུགས་ཕྲ་ཕུང། | neurosci. Any of numerous large multipolar pyramid-shaped cells in the cerebral cortex of higher vertebrates. | མཐོ་རིམ་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཀླད་ཆེན་ཀླད་ཤུན་ནང་གི་རྒྱ་ཆེ་ཞིང་སྣེ་མང་ལ་གཏོར་གཟུགས་དབྱིབས་ཅན་གྱི་ཕྲ་ཕུང་གང་ཡང་རུང་བ་ཞིག་ལ་ཟེར། |
pyramid པི་ར་མིཌ། གཏོར་གཟུགས། | math. A solid having a polygonal base, and triangular sides those meet in a point. | མཐའ་མང་དབྱིབས་ཀྱི་མཐིལ་ཡོད་ཅིང་ཟུར་གསུམ་དབྱིབས་ཀྱི་ངོས་རྣམས་གནས་གཅིག་ལ་ཐུག་ཡོད་པའི་མཁྲེགས་གཟུགས་ཤིག |
Pyloric valve ཕོ་ཞབས་སྐྱི་འདབ། | biol. | |
Pyloric sphincter ཕོ་ཞབས་དམ་ཤ | biol. | |
putamen ཀླད་རྫས་ཚི་གུ་མ། | neurosci. The outer part of the lentiform nucleus of the brain. | ཀླད་པའི་སྦུབས་དབྱིབས་ཚོམ་བུའི་ཕྱི་ཡི་ཆ་ཤས་ལ་ཟེར། |
push up ཕུད་འདེགས། | phys. An exercise in which the body is alternately raised from and lowered to the floor by the arms only, the trunk being kept straight with the toes and hands resting on the floor | ལུས་པོ་ཁ་ཐུག་ཡིན་པའི་སྒོ་ནས་རྐང་ལག་གཉིས་ས་ལ་བཙུགས་རྗེས་ལག་པ་ཁོ་ན་ལ་བརྟེན་ནས་ལུས་པོ་ཡར་འདེགས་མར་འབེབ་རེས་མོས་ཀྱིས་བྱེད་པའི་ལུས་སྦྱོང་ཞིག |
Purkinje cell པར་ཀིན་ཇི་ཕྲ་ཕུང་། | neurosci. A nerve cell of a large, branched type found in the cortex of the cerebellum. | ཀླད་སྙིང་ཀླད་ཤུན་གྱི་ནང་དུ་གནས་པའི་ཆེ་ཞིང་ཡན་ལག་མང་བའི་དབང་རྩ་ཕྲ་ཕུང་ཞིག |
purine པུ་རིན། | biol. Either of the bases, adenine or guanine, that are constituents of DNA and RNA and are derivatives of purine | ཌི་ཨེན་ཨེ་དང་ཨར་ཨེན་ཨེ་གཉིས་ཀྱི་གྲུབ་ཆ་ཡིན་ཞིང་པུ་རིན་གྱི་རྗེས་གྲུབ་ཡིན་པའི་གཞི་རྫས་ཨེ་ཌི་ནིན་ནམ། གུ་ཨ་ནིན་གང་རུང་ལ་གོ |
pure tone ལྷད་མེད་ང་རོ། | phys. A musical tone of a single frequency produced by simple harmonic vibrations and without overtones | རྐྱང་མཚུངས་འདར་འགུལ་གྱིས་སྐྲུན་ཞིང་མཉམ་བསྲེས་ཀྱི་གདངས་མིན་པར་ཟློས་ཕྱོད་གཅིག་ལྡན་གྱི་རོལ་དབྱབས་ཀྱི་གདངས་ཤིག |
pupillometrics མིག་རྒྱལ་དཔྱད་རིག | biol. The study of the size of the pupil as a function of attitudes. | མིག་གི་རྒྱལ་མོའི་ཆེ་ཆུང་ལ་བརྟེན་ནས་བསམ་བློའི་འཁྱེར་སོ་ལ་དཔྱད་པའི་རིག་པ། |
pupil མིག་གི་རྒྱལ་མོ། | biol. Opening in the eyeball through which light passes. | མིག་འབྲས་དཀྱིལ་གྱི་འོད་འཛུལ་སའི་བུ་ག |
pupa ཤ་སྦྲང་ཚང་འབུ། ཚང་འབུ། | biol. | |