Search:
TermEnglish DefinitionTibetan Definition
quasar སྐར་འདྲ། phys. A class of astronomical objects that appear on optical photographs as starlike but have large redshifts quite unlike those of stars. འོད་སྤྱོད་དཔར་ངོས་སུ་སྐར་མ་དང་འདྲ་བར་མངོན་ཀྱང་། སྐར་མ་གཞན་དང་མི་འདྲ་བར་དམར་སྤོ་ཆེན་པོ་ཡོད་པའི་མཁའ་དབྱིངས་དངོས་གཟུགས་ཀྱི་སྡེ་ཚན་ཞིག
quartz ཆུ་ཤེལ། ཤེལ་རྡོ། phys.
quartile བཞི་ཆའི་གནས་རིམ། math. Any of the groups that result when a frequency distribution is divided into four groups of equal size. ཟློས་ཕྱོད་ཀྱི་བཀྲམ་ཚུལ་དེ་ཆ་སྙོམས་པའི་སྡེ་ཚན་བཞི་རུ་བགོས་པའི་སྡེ་ཚན་གང་རུང་རུང་ཞིག་ལ་གོ
quark ཁོག་རྡུལ། phys. One of the two classes of elementary particles (the other is the lepton). Two of the six quarks (up and down) are the fundamental building blocks of nucleons (protons and neutrons). རྩ་རྡུལ་རིགས་གཉིས་ཡོད་པའི་ནང་གི་གཅིག (གཞན་དེ་ནི་ལེབ་ཊོན་ཡིན) ཁོག་རྡུལ་དྲུག་ཡོད་པའི་ནང་གི་གཉིས་ (ཡར་དང་མར་) ནི་ལྟེ་ཆ་ (ཕོ་རྡུལ་དང་བར་རྡུལ་) གྱི་གཞི་རྩའི་གྲུབ་ཆ་ཡིན།
quantum theory ཚད་རྡུལ་རྣམ་གཞག phys. Theory that describes the microworld, where many quantities are granular (in units called quanta), rather than continuous, and where particles of light (photons) and particles of matter (such as electrons) exhibit wave as well as particle properties. གྲངས་འབོར་རྣམས་ཟེགས་མའི་ངོ་བོར་ཡོད་ཅིང་ (ཚད་རྡུལ་གྱི་བརྩི་གཞི་རུ་འཇལ་) རྒྱུན་མཐུད་མིན་ལ། འོད་ཀྱི་ཕྲ་རྡུལ་ (འོད་རྡུལ་) དང་བེམ་གཟུགས་ཀྱི་ཕྲ་རྡུལ་ (གློག་རྡུལ་ལྟ་བུ་) གྱིས་རླབས་དང་རྡུལ་གྱི་ཁྱད་ཆོས་གཉིས་ཀ་སྟོན་པའི་ཕྲ་བའི་འཇིག་རྟེན་ལ་འགྲེལ་བཤད་བྱེད་པའི་རྣམ་གཞག
quantum state ཚད་རྡུལ་གནས་བབ། phys. A state of a quantized system which is described by a set of quantum numbers. ཚད་རྡུལ་གྱི་གྲངས་ཀའི་སྡེ་ཚན་ཞིག་གིས་འགྲེལ་བརྗོད་བྱེད་པའི་ཚད་རྡུལ་གྱི་རྣམ་པར་ཡོད་པའི་མ་ལག་ཅིག་གི་གནས་བབ་ཅིག
quantum physics ཚད་རྡུལ་དངོས་ཁམས་ཚན་རིག phys. The physics that describes the microworld, where many quantities are granular (in unites called quanta), not continuous, and where particles of light (photons) and particles of matter (such as electrons) exhibit wave as well as particle properties. གྲངས་འབོར་རྣམས་ཟེགས་མའི་ངོ་བོར་ཡོད་ཅིང་ (ཚད་རྡུལ་གྱི་བརྩི་གཞི་རུ་འཇལ་) རྒྱུན་མཐུད་མིན་ལ། འོད་ཀྱི་རྡུལ་ (འོད་རྡུལ་) དང་བེམ་གཟུགས་ཀྱི་རྡུལ་ (གློག་རྡུལ་ལྟ་བུ་) གྱིས་རླབས་དང་རྡུལ་གྱི་ཁྱད་ཆོས་གཉིས་ཀ་སྟོན་པའི་ཕྲ་བའི་འཇིག་རྟེན་ལ་འགྲེལ་བཤད་བྱེད་པའི་དངོས་ཁམས་ཚན་རིག
quantum number ཚད་རྡུལ་གྲངས། phys. One of a set of integers or half-integers characterizing the energy states of a particle or system of particles. རྡུལ་ཞིག་གམ་རྡུལ་གྱི་མ་ལག་ཅིག་གི་ནུས་པའི་གནས་བབ་མཚོན་པར་བྱེད་པའི་ཧྲིལ་གྲངས་སམ་ཕྱེད་ཧྲིལ་གྲངས་ཀྱི་ཚན་པའི་ནང་གི་གྲངས་ཀ་གང་རུང་རུང་ཞིག
quantum mechanics ཚད་རྡུལ་ཤུགས་རིག phys. Branch of physics concerned with the atomic microworld based on wave functions and probabilities, introduced by Max Planck (1900) and developed by Werner Heisenberg (1925), Erwin Schrodinger (1926), and others. མེ་ཁི་སི་པི་ལནཁ་ (༡༩༠༠) ཡིས་ངོ་སྤྲོད་བྱས་ཤིང་ཝར་ནར་ཧེ་སན་བྷར་ (༡༩༢༥) དང་ཨར་ཝིན་ཞི་རོ་ཌིན་མགར་ (༡༩༢༦) སོགས་ཀྱིས་ཡར་རྒྱས་སུ་བཏང་བའི་རླབས་ཀྱི་ལྟོས་གྲངས་དང་སྲིད་ཕྱོད་གཉིས་གཞི་ལ་བཞག་པའི་རྡུལ་ཕྲན་གྱི་ཕྲ་བའི་འཇིག་རྟེན་ལ་བརྟག་པ་བྱེད་པའི་དངོས་ཁམས་ཀྱི་ནང་གསེས།
quantum jump ཚད་རྡུལ་འཕོ་མཆོང་། phys. An abrupt transition of an electron, atom, or molecule from one quantum state to another, with the absorption or emission of a quantum. ཚད་རྡུལ་ཞིག་འཇིབ་པའམ་གློད་པ་གང་རུང་ལ་བརྟེན་ནས་གློག་རྡུལ་ལམ། རྡུལ་ཕྲན་ནམ། འདུས་རྡུལ་ཞིག་ཚད་རྡུལ་གྱི་གནས་བབ་ཅིག་ནས་གཞན་ཞིག་ལ་གློ་བུར་དུ་འཕོ་བ་ལ་གོ
quantum fluctuation ཚད་རྡུལ་འཕར་འབོབ། ཚད་རྡུལ་འཕར་འགྲིབ། phys.
quantum chromodynamics ཚད་རྡུལ་ཁ་དོག་འགུལ་རིག phys. A gauge theory that describes the strong interaction in terms of quarks and antiquarks and the exchange of massless gluons between them. ཁོག་རྡུལ་དང་ལྡོག་མའི་ཁོག་རྡུལ་གཉིས་ཀྱི་ངོ་བོ་དང་། དེ་གཉིས་དབར་དུ་གདོས་མེད་གྱི་རྒུལ་ཨོན་རྡུལ་བརྗེ་རེས་བྱེད་པའི་རྣམ་པ་བེད་སྤྱད་དེ་དྲག་ཤུགས་འགྲེལ་བཤད་བྱེད་པའི་ཚད་ལྡན་གྱི་རྣམ་གཞག་ཅིག
quantum (quanta) ཚད་རྡུལ། phys. From the Latin word quantus, meaning “how much”, a quantum is the smallest elemental unit of a quantity, the smallest discrete amount of something. One quantum of electromagnetic energy is called a photon. See also quantum mechanics and quantum theory. (མང་ཚིག་ quanta) “ག་ཚོད་” ཅེས་པའི་དོན་ཡིན་པའི་ལ་ཊིན་གྱི་ཚིག་ quantus ཞེས་པ་ནས་བཏོན་ཞིང་། ཚད་རྡུལ་གཅིག་ནི་འབོར་ཚད་ཅིག་གི་གཞི་རྩའི་བརྩི་གཞི་ཆུང་ཤོས་ཏེ་དངོས་པོ་ཞིག་གི་རྣམ་པར་དབྱེ་པའི་འབོར་ཆུང་ཤོས་དེ་ཡིན་པ་དང་། གློག་ཁབ་ལེན་གྱི་ནུས་པའི་ཚད་རྡུལ་གཅིག་ལ་འོད་རྡུལ་ཞེས་བརྗོད། ཚད་རྡུལ་ཤུགས་རིགས་དང་ཚད་རྡུལ་རྣམ་གཞག་ལ་ཡང་གཟིགས་རོགས།
Quantized ཚད་རྡུལ་ཡིན་པའི། phys.
quantize ཚད་རྡུལ་དུ་སྟོན་པ། phys.