recombinase བསྐྱར་སྦྱོར་སྨིན་རྫས། | chem. An enzyme that promotes genetic recombination. | རིགས་རྫས་བསྐྱར་སྡེབ་ལ་མཐུན་འགྱུར་བྱེད་མཁན་གྱི་སྨིན་རྫས་ཤིག |
Recombinant DNA བསྐྱར་སྒྲིག་ཌི་ཨེན་ཨེ། | biol. | |
recoil ལྡོག་རྦུད། ཕྱིར་ལྡོག | phys. Rebound or spring back through force of impact or elasticity. | གདོང་ཐུག་གི་ཤུགས་སམ་མཉེན་གཤིས་ལས་ཕྱིར་འཕགས་པའམ་ཕྱིར་འཕར་བ་ལ་གོ |
Recognizing kindness བྱམས་བརྩེ་ངོས་འཛིན། | SEE Learning | |
reciprocal ལོག་གྲངས། | math. The number or expression produced by dividing 1 by a given number or expression. Thus, the reciprocal of 2 is ½ and the reciprocal of 1 +x is 1/(1 +x). | ཨང་ཀི་ 1 གྲངས་ཀའམ་མཚོན་ཚུལ་ངེས་ཅན་ཞིག་གིས་བགོས་པ་ལས་ཐོབ་པའི་གྲངས་ཀའམ་མཚོན་ཚུལ་དེ་ལ་གོ དེར་བརྟེན། 2 གྱི་ལོག་གྲངས་ནི་ 1/2 ཡིན་པ་དང་། 1+x ཡི་ལོག་གྲངས་ནི་ 1/(1+x) ཡིན། |
recessive allele གསལ་ཆུང་ཨེ་ལིལ། | biol. An ALLELE that only shows its effect in the PHENOTYPE when present in a HOMOZYGOTE. When paired with a dominant allele the effect of the recessive allele is hidden. | ཆ་མཚུངས་ས་བོན་འདུས་ཁུངས་ཤིག་ཏུ་ཡོད་པའི་སྐབས་ཁོ་ནར་རིགས་རྫས་མངོན་རྣམ་དུ་རང་ཉིད་ཀྱི་ཤུགས་རྐྱེན་མངོན་པར་བྱེད་པའི་ཨེ་ལིལ་ཞིག གསལ་ཆེའི་ཨེ་ལིལ་ཞིག་དང་ཆ་སྒྲིག་སྐབས་གསལ་ཆུང་ཨེ་ལིལ་གྱི་ཤུགས་རྐྱེན་མངོན་གྱི་མེད། [ཕ་མ་གཉིས་ཀ་ནས་བྱུང་བའི་ཨེ་ལིལ་གྱི་ཐུན་མོང་གི་ནུས་པ་བུ་ཕྲུག་ཏུ་མངོན་པའི་རིགས་རྫས།] |
recessive ཡིབ་གཤིས་ཆེ་བ། གསལ་ཆུང་། | biol. Of, relating to, or designating an allele that does not produce a characteristic effect when present with a dominant allele. | གསལ་ཆེའི་ཨེ་ལིལ་ཞིག་དང་ལྷན་དུ་ཡོད་པའི་སྐབས་སུ་རང་ཉིད་ཀྱི་ཐུན་མིན་ཁྱད་གཤིས་མངོན་མི་ཐུབ་པའི་ཨེ་ལིལ་ཞིག་གི་སྐོར་རམ། དེ་དང་འབྲེལ་བའམ། དེ་མཚོན་པར་བྱེད་པའི། |
recession རྒྱབ་བཤིག། | phys. The action of receding; motion away from an observer. | ཕྱིར་སྣུར་བྱེད་པའི་བྱ་བ་སྟེ། རྟོག་ཞིབ་པ་ལས་རྒྱང་དུ་གྱེས་བའི་འགུལ་སྐྱོད། |
receptor protein སྣེ་ལེན་སྤྲི་རྫས། | neurosci. Membrane-bound protein structure to which specific neurotransmitters bind. | དབང་རྩ་འཕྲིན་པ་ངེས་ཅན་ཞིག་མཐུད་སྦྱོར་བྱེད་སའི་སྤྲི་རྫས་སྐྱི་མོའི་སྟེང་དུ་འབྱར་ཡོད་པ་ཞིག |
receptor neuron སྣེ་ལེན་དབང་རྩ་ཕྲ་གཟུགས། | neurosci. | |
receptor cells སྣེ་ལེན་ཕྲ་ཕུང་། | neurosci. A nerve ending or cell which senses a change such as cold or heat in the surrounding environment or in the body and reacts to it by sending an impulse to the central nervous system | ཕྱིའི་ཁོར་ཡུག་གམ་ལུས་པོའི་ནང་གི་ཚ་གྲང་ལྟ་བུའི་འགྱུར་བ་ཚོར་རྗེས། དེ་ལ་ཡ་ལན་གྱི་ཚུལ་དུ་དབང་རྩ་ལྟེ་བའི་མ་ལག་ཏུ་འཕར་བརྡ་རྒྱུད་གཏོང་བྱེད་མཁན་གྱི་དབང་རྩའི་མཇུག་སྣེའམ་ཕྲ་ཕུང་ཞིག་ལ་གོ |
receptor སྣེ་ལེན་པ། | neurosci. In the nervous system, any cell that detects a stimulus and generates a nerve impulse, e.g. photoreceptors in the eye and pain receptors in the skin. | དབང་རྩ་མ་ལག་གི་ནང་དུ་སྐུལ་རྐྱེན་ཞིག་ཚོར་བ་དང་དབང་རྩའི་འཕར་བརྡ་ཞིག་སྐྲུན་པར་བྱེད་མཁན་གྱི་ཕྲ་ཕུང་གང་རུང་རུང་ཞིག་ལ་གོ དཔེར་ན། མིག་ནང་གི་འོད་རྡུལ་སྣེ་ལེན་པ་དང། པགས་པའི་ནང་གི་ཟུག་རྔུ་སྣེ་ལེན་པ་ལྟ་བུའོ། |
receptive field སྣེ་ལེན་ཁྱབ་ར། | neurosci. The area which when stimulated elicits a particular response, such as a reflex, the firing of a sensory neuron, or the activation of a ganglion cell. | སྐུལ་རྐྱེན་ཐེབས་སྐབས་ལྡོག་འགུལ་འབྱུང་བའམ། དབང་ཚོར་དབང་རྩ་གཟུགས་ཤིག་ངར་སད་པ། ཡང་ན་རྩ་འདུས་ཕྲ་ཕུང་ཞིག་སད་སློང་བྱེད་པ་ལྟ་བུའི་ཡ་ལན་ངེས་ཅན་ཞིག་སྐྲུན་པར་བྱེད་པའི་ས་ཁུལ་དེ་ལ་གོ |
receiver mouse ལེན་ཙིག | biol. | |
Received knowledge ཐོས་བྱུང་གི་ཡོན་ཏན། | SEE Learning | |