Search:
TermEnglish DefinitionTibetan Definition
Visual aid མིག་སྟོན་རམ་འདེགས། pedagogy
vision མཐོང་ཚོར། biol. The faculty or state of being able to see. མཐོང་ནུས་པའི་གནས་བབ་བམ་མཐོང་ཐུབ་པའི་ནུས་པ་ལ་གོ
visible spectrum སྣང་རུང་གི་འོད་ཤལ། phys. See electromagnetic spectrum གློག་ཁབ་ལེན་གྱི་འོད་ཤལ་ལ་གཟིགས།
visible light སྣང་རུང་གི་འོད། phys. Part of the electromagnetic spectrum that the human eye can see. འགྲོ་བ་མིའི་མིག་གིས་མཐོང་ཐུབ་པའི་གློག་ཁབ་ལེན་གྱི་རླབས་ཀྱི་ཆ་ཤས།
viscosity ཚི་ཤུགས། phys. The property of a fluid that resists the force tending to cause the fluid to flow. རྒྱུག་གཟུགས་ཤིག་རྒྱུག་པར་རྐྱེན་བྱེད་པའི་ཤུགས་དེ་ལ་འགོག་ཤུགས་སྤྲོད་པའི་རྒྱུག་གཟུགས་ཀྱི་ཁྱད་ཆོས།
Viscera ནང་ཁྲོལ། neurosci.
virus latency དུག་སྲིན་གྱི་བག་ཉལ་ནུས་པ། biol.
virus གཉན་སྲིན། དུག་སྲིན། biol. Virus, an infectious agent of small size and simple composition that can multiply only in living cells of animals, plants, or bacteria. གཉན་སྲིན་ནི་སྲོག་ཆགས་དང། རྩི་ཤིང། ཡང་ན་སྲིན་བུ་བཅས་ཀྱི་སྲོག་ལྡན་ཕྲ་ཕུང་ཁོ་ནའི་ནང་དུ་འཕེལ་སྐྱེད་ཐུབ་པ་དང་། བོངས་ཚད་ཆུང་ཞིང་གྲུབ་ཆ་སྟབས་བདེ་ཡིན་པའི་གཉན་ཁ་སྐྲུན་མཁན་ཞིག
virtual image སྣང་བརྙན་ལྟར་སྣང་། phys Image formed by light rays that do not coverage at the location of the image. Mirrors, converging lenses used as magnifying glasses, and diverging lenses all produce virtual images. The image can be seen by an observer but cannot be projected onto a screen. སྣང་བརྙན་གྲུབ་སར་མི་འདུ་བའི་འོད་ཟེར་གྱིས་གྲུབ་པའི་སྣང་བརྙན། མེ་ལོང་དང་། ཆེ་ཤེལ་གྱི་ཚབ་ཏུ་སྤྱོད་པའི་འདུ་ཤེལ། གྱེས་ཤེལ་བཅས་པ་ཀུན་གྱིས་ཟོལ་བརྙན་བསྐྲུན་གྱི་ཡོད། བལྟ་མཁན་གྱིས་མཐོང་ཐུབ་མོད་ཡོལ་ངོས་སུ་སྟོན་མི་ཐུབ་པའི་སྣང་བརྙན།
Virion དུག་སྲིན་ཧྲིལ་རྡུལ། biol.
viral replication དུག་སྲིན་ངོ་བཤུའི་བྱེད་རིམ། biol. Viral replication is the formation of biological viruses during the infection process in the target host cells. གཉན་སྲིན་ངོ་བཤུའི་བྱེད་རིམ་ནི་དམིགས་འབེན་གནས་ཚང་ཕྲ་ཕུང་གི་ནང་དུ་གཉན་ཁ་འབྱུང་བའི་སྐབས་སུ་སྐྱེ་ལྡན་གཉན་སྲིན་གྲུབ་པའི་ཚུལ་ལ་ཟེར།
viral pathogen resistance ནད་རྒྱུ་གཉན་སྲིན་འགོག་ནུས། གཉན་སྲིན་འགོག་ནུས། biol.
viral infection དུག་སྲིན་གཉན་ཁ། biol. An infection caused by a virus གཉན་སྲིན་གྱིས་སྐྱེད་པའི་གཉན་ཁ་ཞིག
viral disease གཉན་ནད། biol. A viral disease (or viral infection) occurs when an organism's body is invaded by pathogenic viruses, and infectious virus particles (virions) attach to and enter susceptible cells. གཉན་ནད་ (དམ་དུག་སྲིན་གཉན་ཁ་) ནི་ནད་སྐྱེད་གཉན་སྲིན་དེ་སྐྱེ་དངོས་ཀྱི་ལུས་པོའི་ནང་དུ་བཙན་གྱིས་འཛུལ་ཏེ། གཉན་ཁ་ཅན་གྱི་གཉན་སྲིན་ཕྲ་རྡུལ་(ཝི་རི་ཡོན་)འགོ་སླ་བའི་ཕྲ་ཕུང་ལ་འབྱར་ནས་ཕྲ་ཕུང་གི་ནང་དུ་འཛུལ་བའི་སྐབས་སུ་འབྱུང་གི་ཡོད།
Violin ཨོག་གླན་ཕྲ་བ། phys.