Search:
TermEnglish DefinitionTibetan Definition
rest and digest response ལྷོད་འཇུའི་ཡ་ལན། SEE Learning
rest and digest ངལ་གསོ་ནས་ཟས་འཇུ། neurosci.
responsiveness ཡ་ལན་སྐྱེན་པོ། neurosci. The quality of reacting quickly and positively. ཡ་ལན་མགྱོགས་པོ་དང་ལེགས་པོ་སྤྲོད་པའི་ཁྱད་ཆོས།
Responsible decision-maker ཁུར་ལེན་ཐག་གཅོད་པ། SEE Learning
Response inhibition ཡ་ལན་འགོག་སྡོམ། neurosci.
response ཡ་ལན། neurosci. An excitation of a nerve impulse caused by a change or event; a physical reaction to a specific stimulus or situation. བྱུང་བ་ཞིག་གམ་འགྱུར་བ་ཞིག་གིས་སྐྱེད་པའི་དབང་རྩའི་འཕར་བརྡའི་སད་སློང་ངམ། སྐུལ་རྐྱེན་ནམ་གནས་སྟངས་བྱེ་བྲག་པ་ཞིག་ལ་བསྟན་པའི་གཟུགས་པོའི་ཡ་ལན།
respiratory system འབྱིན་རྔུབ་མ་ལག biol. The system of organs and structures in which gas exchange takes place, consisting of the lungs and airways in air-breathing vertebrates, gills in fish and many invertebrates, and air-filled tubes in insects. རླངས་གཟུགས་བརྗེ་ལེན་བྱེད་པར་མཁོ་བའི་དབང་པོ་དང་ཆགས་བཀོད་ཀྱི་མ་ལག་དེ་ལ་གོ་ཞིང་། དབུགས་འབྱིན་རྔུབ་བྱེད་པའི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ནང་དུ་གློ་བ་དང་དབུགས་ལམ་གྱིས་གྲུབ་པ་དང་། ཉ་དང་སྒལ་རུས་མེད་པའི་སྲོག་ཆགས་མང་པོའི་ནང་དུ་ཉ་སྐྱོགས་ཀྱིས་གྲུབ་ལ། འབུ་སྲིན་གྱི་ནང་དུ་དབུགས་ཀྱིས་ཁེངས་བའི་སྦུ་གུ་ཡིས་གྲུབ་པ་ཡིན།
respiratory rate དབུགས་ཀྱི་རྒྱུ་ཚད། biol. Number of breaths per minute. སྐར་མ་གཅིག་གི་ནང་དུ་འབྱིན་རྔུབ་བྱས་པའི་དབུགས་ཀྱི་ཁ་གྲངས།
respiratory centers འབྱིན་རྔུབ་བསྟི་གནས། biol. A region of the central nervous system which exercises control over respiration. དབུགས་འབྱིན་རྔུབ་ལ་ཚོད་འཛིན་བྱེད་མཁན་གྱི་དབང་རྩ་ལྟེ་བའི་མ་ལག་གི་ཆ་ཤས་ཤིག
respiration དབུགས་འབྱིན་རྔུབ། biol. The process in living organisms of taking in oxygen from the surroundings and giving out carbon dioxide སྐྱེ་དངོས་ཀྱིས་ཁོར་ཡུག་ནས་འཚོ་རླུང་ལེན་པ་དང། ཕྱི་རོལ་དུ་ཁར་སྦོན་འཚོ་རླུང་གཉིས་ལྡན་གློད་པའི་རྒྱུད་རིམ་ལ་གོ
Resourcing མཐུན་རྐྱེན་བསྟེན་སྦྱོར། SEE Learning
resource depletion ཐོན་ཁུངས་ཉམས་ཟད། phys.
resource box མཐུན་རྐྱེན་སྒམ་ཆུང་། SEE Learning
resonate མཉམ་འདར་བྱེད་པ། phys. To exhibit or cause to exhibit resonance. མཉམ་འདར་མངོན་པར་བྱེད་པའམ་མཉམ་འདར་མངོན་པར་རྒྱུ་བྱེད་པ།
resonance མཉམ་འདར། phys. Phenomenon that occurs when the frequency of forced vibrations on an object matches the object’s natural frequency, producing a dramatic increase in amplitude. དངོས་པོ་ཞིག་གི་སྟེང་དུ་བསྐྲུན་པའི་སྐུལ་འདར་གྱི་ཟློས་ཕྱོད་དེ་དངོས་པོ་དེའི་རང་བྱུང་གི་ཟློས་ཕྱོད་དང་མཚུངས་སྐབས་འདར་དཔངས་ཧ་ཅང་ཆེ་རུ་འགྲོ་བའི་སྣང་ཚུལ།